12
≌ མིག་སྔ་འི་སྡོད་གནས། : / - གཙོ་ངོས། - ལས་སྒྲུབ་ཁང་གི་ངོ་སྤྲོད།
ལས་སྒྲུབ་ཁང་གི་ངོ་སྤྲོད།

工作室介绍(图1)

༢༠༡༩ལོར་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྱིས་དགེ་རྒན་ཆེ་མོ་ཁ་ལོ་སོགས་ཀྲུང་ལུགས་གསོ་རིག་བོད་ལུགས་གསོ་རིགཀྱི་རིགས་གཅིག་ཆེད་མཁས་༦༩ལ་རྒྱལ་ཡོངས་ཀྱི་ཀྲུང་ལུགས་གསོ་རིག་ཀྱི་སྨན་པ་རྒན་པ་གྲགས་ཅན་རྒྱུད་འཛིན་ལས་སྒྲུབ་ཁང་གི་རྣམ་གྲངས་ཀྱི་ཆེད་མཁས་ལ་འདེམས་ཐོབ་བྱུང་རེད། ཁ་ལོ་ཀྲུང་ལུགས་གསོ་རིག་བོད་ལུགས་གསོ་རིགགི་རིགས་གཅིག་ཆེད་མཁས་རྒྱུན་འཛིན་ལས་སྒྲུབ་ཁང་ནི་རྒྱལ་ཁབ་རིམ་པའི་རིམ་པ་དྲུག་པའི་ཀྲུང་ལུགས་གསོ་རིག་གི་རྒྱུན་འཛིན་ལས་སྒྲུབ་ཁང་ཡིན།  རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྱི་ཆོག་མཆན་ཐོབ་ནས་བཙུགས་པ་དང་། ཀྲུང་དབྱང་ནོར་སྲིད་ཀྱི་ཆེད་སྤྱོད་མ་དངུལ་གྱིས་རོགས་སྐྱོར་གནང་བ། མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྱིས་དོ་དམ་བྱེད་པ། མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལབོད་སྨན་ང་ལ་བརྟེན་ནས་རྒྱུན་འཛིན་དང་ཞིབ་འཇུག་ཟུང་འབྲེལ་གྱི་རྣམ་པའི་ཐོག་ནས་ལས་དོན་སྤེལ་བ་བཅས་རེད།  

ཁ་ལོ་རྒྱལ་ཡོངས་ཀྱི་ཀྲུང་ལུགས་གསོ་རིག་གི་རིགས་གཅིག་ཆེད་མཁས་རྒྱུན་འཛིན་ལས་སྒྲུབ་ཁང་དུ་ལས་དོན་མི་སྣ་༡༢ཡོད་པའི་ནང་སྨན་པ་འབུམ་རམས་པ་༦དང་། སྨན་པ་རབ་འབྱུངས་པ་༢དང་། སྨན་པ་དཀའ་བཅུ་བ་༤བཅས་ཡོད་པ་དང་། དེའི་ནང་དངོས་གཞིའི་བསླབ་གནས་ཐོབ་པ་༧དང་དངོས་གཞིའི་བསླ་བ་གནས་མན་ཐོབ་མཁན་རྒྱུད་འཛིན་པ་དང་། ཀྲུང་ལུགས་གསོ་རིག་གི་ཆེད་ལས་༡༡དང་། ཆེད་ལས་གཞན་དག་གི་སློབ་མ་༡བཅས་ཡོད་པ་རེད།  དགེ་རྒན་ཆེན་མོ་ཁ་ལོ་ནི་དབུ་བཞུགས་རིགས་གཅིག་ཆེད་མཁས་ཡིན་པ་དང་སྨན་པ་འབུམ་རམས་གཞོན་པ་རྡོ་རྗེ་རབ་བརྟནནི་ལས་སྒྲུབ་ཁང་གི་འགན་འཛིན་པ་ཡིན་པ་དང་།  ལས་སྒྲུབ་ཁང་གི་ཁོངས་མི་གཙོ་བོ་ནི་སྨན་པ་འབུམ་རམས་པ་གཞོན་པ་སྟོང་སྐྱབས་དང་། སྨན་པ་སྨན་པ་འབུམ་རམས་པ་གསང་བདག་ཚེ་རིང་། སྨན་པ་འབུམ་རམས་པ་གཞོན་པ་རིག་མཆོག སྨན་པ་འབུམ་རམས་པ་གཞོན་པ་རྟ་མགྲིན་དབང་རྒྱལ། སྨན་པ་འབུམ་རམས་པ་གཞོན་པ་དཔའ་ཆེན། སྨན་པ་རབ་འབྱམས་པ་བློ་གྲོས་རྣམ་རྒྱལ། སྨན་པ་རབ་འབྱམས་པ་གོར་ཚང་རྡོ་རྗེ། སྨན་པ་དམ་ཆོས། སྨན་པ་བོའོ་ཁྲང་ཅོན། སྨན་པ་ཀླུ་རྒྱལ་ཚེ་རིང་། སྨན་པ་བསོད་ནམས་རིན་ཆེན་བཅས་ཡིན།  

ཁ་ལོ་ཀྲུང་ལུགས་གསོ་རིག་གི་རིགས་གཅིག་ཆེད་མཁས་རྒྱུན་འཛིན་ལས་སྒྲུབ་ཁངདུ་བོད་ལུགས་གསོ་རིག་གི་ཁྱད་ཆོས་ལྡན་པའི་བརྟག་བཅོས་ཁང་གཅིག་དང་། བོད་སྨན་སློབ་ཁྲིད་ལྟ་སྦྱོང་ཁང་གཅིག ཡིག་ཚང་ཁངདཔེ་གཟིགས་ཁང་གཅིག ཁྱོན་བསྡོམས་ཁང་མིག་གསུམ་ཡོད་ཅིང་། སྲོལ་རྒྱུན་གྱི་བོད་ཀྱི་ཁང་པ་ལྟར་མཛེས་བཟོ་བྱས་ཡོད་པ་དང་། སྐྱིད་སྣང་དོད་ཅིང་བོད་ལུགས་གསོ་རིག་གི་རིག་གནས་རྣམ་པ་མངོན་ཡོད་པ་ཡིན།  

དགེ་རྒན་ཆེན་མོ་ཁ་ལོ་ནི་རྒྱ་ཆེར་མཁས་ཞིང་སྨན་བཅོས་ལག་རྩལ་ཁྱད་དུ་འཕགས། སྨན་པའི་ཀུན་སྤྱོད་བཟང་།  ཁོང་ནི་དཔེ་རྙིང་ཀློག་རྒྱུར་དགའ་ཞིང་དཔེ་དེབ་མང་པོ་བརྩམས་ཡོདདཔེ་དེབ་མང་པོ་རྩོམ་སྒྲིག་དང་ཞི་དག་གི་ལས་ལ་ཞུགས་ཡོད་དེ། «མཁན་གཙང་ཚང་གི་ནད་ཐོག་མཉམ་ཡིག་»དང་། «བོད་སྨནརིན་ཆེན་རིལ་བུའི་སྤྱོད་སྟངས» «དེའུ་དམར་བསྟན་འཛིན་ཕུན་ཚོགས་ཀྱིགསུང་རྩོམ་གཅེས་བཏུས» «བོད་ལུགས་གསོ་རིག་གི་མཁྲིས་རྡོའི་སྨན་བཅོས་ཉམས་མྱོང་» «བོད་ལུགས་གསོ་རིག་གི་སྨན་མིང་གསལ་བཤད » « ཀྲུང་གོའི་གསོ་རིག་ཀུན་བཏུས་ལས་བོད་ཀྱི་གསོ་བ་རིག་པ་»སོགས་ཀྱི་རྩོམ་སྒྲིག་པའི་འགན་ཁུར་ཡོད་ལ། རྒྱ་ཡིག་གི་«བོད་ལུགས་གསོ་རིག་གི་གནའ་དཔེ་དཔེ་ཚོགས»ཏེ།  «དཔལ་ལྡན་རྒྱུད་བཞི»དང་«བེེ་སྔོན་» «སྨན་དཔྱད་ཟླ་བའི་རྒྱལ་བོ་» «ཤེལ་གོང་ཤེལ་ཕྲེང་»བཅས་ཀྱི་རྒྱ་ཡིག་ཏུ་སྒྱུར། ཁོང་གིས་བོད་ཀྱི་གསོ་བ་རིག་པའི་དཔེ་ཆ་༥༠ལྷག་བརྩམས་པའམ་རྩོམ་སྒྲིག་བྱས་ཡོད།

དགེ་རྒན་ཆེ་མོ་ཁ་ལོ་ནི་བོད་ཀྱི་གསོ་བ་རིག་པའི་མེ་བཙའ་དང་། གཏར་། སྨན་ལུམས་སོགས་ཀྱི་གསོ་ཐབས་ཞིབ་འཇུག་ཟབ་མོ་བྱས་ཡོད་པ་དང་ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད།  ཁོང་ལ་ཞིབ་འཇུག་གི་རྣམ་གྲངས་དུ་མ་ཡོད་དེ། སྨན་ལུམས་ཀྱིས་གྲུམ་བུའི་ནད་ལ་གསོ་བཅོས་བྱ་པའི་ཕན་ནུས་ཞིབ་འཇུག་ཅེས་པ་དང་། བོད་ཀྱི་གསོ་བ་རིག་པའི་མེ་བཙའི་ལག་ལེན་དང་ནད་ཐོག་བེད་སྤྱོདདང་། བོད་ཀྱི་གསོ་བ་རིག་པའི་གཏར་དམིགས་ངོས་འཛིན་དང་རོ་བཀྲའི་དབྱེ་འབྱེད་ གྲུམ་བུའི་ནད་ཀྱི་བདུད་རྩི་ལྔ་ལུམས་ཀྱི་སྡེབ་ཁ་ཐེངས་གཉིས་པ་གསར་སྤེལ” “བོད་སྨན་ཀོ་བྱི་ལའིསྤྱིན་ཐུམ་ལག་རྩལ་ཞིབ་འཇུག” “བོད་སྨན་གྱིས་འབྲོག་ཁུལ་དུ་འབྱུང་མང་བའི་མཆིན་པའི་ཐུམ་འབུ་ནད་ཀྱི་ནད་ཐོག་ཕན་བསྐྱེད་བརྟག་དཔྱདསོགས་ཚན་རིག་ཞིབ་འཇུག་རྣམ་གྲངས་༡༠ལྷག་ཡོད།  དེའི་ཁྲོད་ཀྱི་སྨན་ལུམས་ཀྱིས་གྲུམ་བུའི་ནད་ལ་གསོ་བཅོས་བྱ་པའི་ཕན་ནུས་ཞིབ་འཇུག་ཅེས་པ་དང་། བོད་ཀྱི་གསོ་བ་རིག་པའི་གཏར་དམིགས་ངོས་འཛིན་དང་རོ་བཀྲའི་དབྱེ་འབྱེད།རྒྱ་ཡིག་ཏུ་བསྒྱུར་བའི་«བོད་ལུགས་གསོ་རིག་གི་གནའ་དཔེ་དཔེ་ཚོགས་»སོགས་ལ་མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་གྲུབ་འབྲས་ལག་ཁྱེར་ཐོབ་པ་དང་གྲུབ་འབྲས་དེ་དག་གིས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་རིག་གནས་སྤེལ་རེས་དང་། རྒྱུན་འཛིན། དར་སྤེལ། གསར་གཏོད།  ཞིབ་འཇུག འཕེལ་རྒྱས་བཅས་ཀྱི་ཐད་ལ་ནུས་པ་གལ་ཆེན་ཐོན་ཡོད་པ་རེད།  

ཁ་ལོ་ཀྲུང་ལུགས་གསོ་རིག་གི་རིགས་གཅིག་ཆེད་མཁས་རྒྱུན་འཛིན་ལས་སྒྲུབ་ཁང་འཛུགས་སྐྲུན་བྱས་པ་བརྒྱུད། ཁོང་གི་དམིགས་བསལ་གྱི་རིག་གཞུང་ལྟ་བ་དང་ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་བརྒྱུད་རིམ་ལྡན་པའི་སྒོ་ནས་ལེགས་སྒྲིག་དང་། རྒྱུན་འཛིན། ཁྱབ་གདལ་བཅས་བཏང་སྟེ། ཆེད་མཁས་ཁོང་གི་བོད་སྨན་གྱི་རིག་གཞུང་ཉམས་མྱོང་རྒྱུན་འཛིན་དང་གསར་གཏོད་བྱེད་སྟངས་འཚོལ་ཞིབ་བྱས་ནས་ཁོང་གི་གསོ་རིག་རིག་གཞུང་ཉམས་མྱོང་གི་རྩོམ་སྒྲིག་བྱས་ཏེགསོ་རིག་མཁས་པ་ཁ་ལོའི་རིག་གཞུང་གི་རྒྱུན་འཛིན་པ་གསོ་སྐྱོང་བྱས་ནས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ནད་འགོག་ནུས་པ་དང་བཅོས་དཀའ་བའི་ནད་རིགས་སྨན་བཅོས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ།  

རྒྱུན་འཛིན་ལས་སྒྲུབ་ཁང་གི་ལས་འགན་ནིབརྒྱུད་རིམ་ལྡན་པའི་སྒོ་ནས་ཞིབ་འཇུག་བྱས་པ་བརྒྱུད་དགེ་རྒན་ཆེ་མོ་ཁ་ལོ་ཡི་ཐུན་མོང་མ་ཡིན་པའི་རིག་གཞུང་བསམ་བློ་དང་ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་ཕྱོགས་སྡོམ་དང་། ལེགས་སྒྲིག རྒྱུན་འཛིན་བཅས་བྱས་ནས་བོད་ལུགས་གསོ་རིག་གི་རིག་པའི་གཞུང་ལུགས་ཞིབ་འཇུག་དང་ནད་ཐོག་སྨན་བཅོས་ཀྱི་སྨན་བཅོས་ཆུ་ཚད་མཐོ་རུ་བཏང་སྟེརིམ་པ་མཐོ་བའི་བོད་ལུགས་གསོ་རིག་གི་ཤེས་ལྡན་པ་དང་བོད་ལུགས་གསོ་རིག་གི་མི་རབས་གསར་པ་གསོ་སྐྱོང་བྱས་ནས་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་རེད།