12
≌ མིག་སྔ་འི་སྡོད་གནས། : / - གཙོ་ངོས། - སྨན་ཁང་གི་ངོ་སྤྲོད།
སྨན་ཁང་གི་ངོ་སྤྲོད།

      医院简介(图1)

 མགོ་ལོག་ཁུལ་བོད་སྨན་ཁང་ནི་༡༩༨༠ལོར་བཙུགས་པ་དང་། སྐབས་རིམ་བྱུང་གི་ཁུལ་ཨུད་དང་།  ཁུལ་སྲིད་གཞུང་། གོང་རིམ་སྡེ་ཚན་བཅས་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་ཤུགས་ཆེན་འོག་སྨན་བཅོས་དང་། སློབ་ཁྲིད། མྱུར་སྐྱོབ། ལུས་ཁམས་བདེ་སྲུང་། བདེ་ཐང་སློབ་གསོའི་ནུས་པ་སོགས་གཞི་གཅིག་ཏུ་འདུས་པའི་རིམ་གཉིས་ཀ་པའི་ཕྱོགས་བསྡུས་སྨན་ཁང་དུ་གྱུར་ཡོད། སྨན་ཁང་གི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི་༡༣.༢ཡོད་པ་དང་། སྨན་ཁང་དུ་སྡོད་པའི་ཕྱོགས་བསྡུས་ཐོག་ཁང་དང་། སྒོ་བསྟེན་སྨན་ཁང་གི་ཕྱོགས་བསྡུས་ཐོག་ཁང་། སྨན་སྦྱོར་ཁང་། སྲིད་འཛིན་ཁང་། ལས་བཟོའི་ཟ་ཁང་སོགས་བསྐྲུན་ཡོད་ཅིང་། སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་༤༧༨༡༡ཡོད་པ་དང་། སྨན་ཁང་དུ་མཆོག་ཆན་བཀོད་པའི་ཉལ་ཁྲི་༢༠༠ཡོད་ལ། དངོས་ཡོད་ཉལ་ཁྲི་༨༦ཡོད། ལས་བྱེད་མི་སྣ་༡༣༧ཡོད། དེའི་ནང་སྒྲིག་ཁོངས་སུ་དངོས་སུ་ཚུད་པའི་མི་སྣ་༣༤དང་། བཀོད་སྒྲིག་མི་སྣ་༥༩དང་། གནས་སྐབས་གདན་ཞུས་མི་སྣ་༤༣བཅས་ཡོད་པ་རེད།

        སྨན་ཁང་དུ་ས་མཐོའི་རང་བཞིན་གྱི་སྙིང་ནད་ཚན་ཁག་དང་། སྨན་ལུམས་ཚན་ཁག དཔྱད་བཅོས་ཚན་ཁག་སོགས་ཁྱད་ལྡན་ཚན་ཁག་༨དང་། ཏང་ཨུད་གཞུང་དོན་ཁང་དང་། སྨན་ཁང་གཞུང་དོན་ཁང་། སྨན་བཅོས་དོ་དམ་ཚན་ཁག མི་དོན་དོ་དམ་ཚན་ཁག སྨན་སྦྱོར་ཚན་ཁག་སོགས་སྲིད་འཛིན་ཚན་ཁག་བཙུགས་ཡོད། དེའི་ནང་ས་མཐོའི་རང་བཞིན་གྱི་སྙིང་ནད་ཚན་ཁག་ནི་ཞིང་ཆེན་རིམ་པའི་གཙོ་གནད་ཚན་ཁག་དང་། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་གྲགས་ཅན་ཚན་ཁག་ཡིན། སྨན་ལུམས་ཚན་ཁག་ནི་ཁུལ་རིམ་པའི་གཙོ་གནད་ཆེད་སྦྱོང་ཚན་ཁག་ཡིན། རྒྱལ་ཁབ་རིམ་པའི་གྲགས་ཅན་གསོ་རིག་རྒྱུན་འཛིན་ལས་དོན་ཁང་གཅིག་དང་ཞིང་ཆེན་རིམ་པའི་གྲགས་ཅན་གསོ་རིག་རྒྱུན་འཛིན་ལས་དོན་ཁང་གཅིག་ཡོད། ཞིང་ཆེན་ཡོངས་ཀྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་རིགས་གཅིག་མཁས་ཅན་གྱི་རིག་གཞུང་ཤུལ་འཛིན་པ་གཅིག་ཡོད། CTདང་DRརང་འགུལ་སྐྱེ་དངོས་རྫས་འགྱུར་དབྱེ་ཞིབ་ཡོ་བྱད་སོགས་སྔོན་ཐོན་གྱི་སྨན་བཅོས་སྒྲིག་ཆས་བེད་སྤྱད་དེ་ནད་ལ་བརྟག་དཔྱད་བྱེད་བཞིན་ཡོད། ལོ་རེའི་སྒོ་བསྟེན་ནད་པའི་མི་ཐེངས་༡༦༢༢༣ཡོད་པ་དང་། ཞག་སྡོད་ནད་པའི་མི་ཐེངས་༡༡༥༣ལྷག་ཡོད། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་ཐང་ལ་བྱས་རྗེས་བཞག་དང་འཇོག་བཞིན་ཡོད།

        སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་བཏང་ནས་མགོ་ལོག་ཁུལ་གྱི་བོད་ལུགས་གསོ་རིག་སྨན་བཅོས་ཚོགས་པ་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད། ༢༠༡༩ལོའི་ཟླ་༩ཚེས་༦ཉིན་མགོ་ལོག་ཁུལ་ཡི་བོད་ལུགས་གསོ་རིག་སྨན་བཅོས་ཚོགས་པའི་ཏང་ཨུད་བཙུགས་པ་དང་། ༢༠༡༩ལོའི་ཟླ་༡༠ཚེས་༢༡ཉིན་མགོ་ལོག་ཁུལ་བོད་ལུགས་གསོ་རིག་སྨན་བཅོས་ཚོགས་པ་དངོས་སུ་བཙུགས།

       ༢༠༡༩ལོའི་ཟླ་༡༡པར་སྨན་སྦྱོར་ལྟེ་གནས་ལ་སྨན་རྫས་སྦྱོར་འཐུས་ཀྱི་ལག་ཁྱེར་ཡང་ཐོབ་ཡོད།

        སྔ་རྗེས་སུ་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་དང་། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་། མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུས་སོགས་འགོ་ཁྲིད་སྡེ་ཚན་གྱིས་མགོ་ཁུལ་བོད་སྨན་ཁང་ལ་“རྒྱལ་ཡོངས་ཀྱི་ཀྲུང་ལུགས་གསོ་རིག་སྨན་རྫས་ཁོངས་གཏོགས་ཀྱི་སྔོན་ཐོན་གསར་གཏོད་དང་ཕུལ་བྱུང་བརྩོན་ལེན་གྱི་སྔོན་ཐོན་སྡེ་ཁག་”དང་། “མཚོ་སྔོན་ཞིང་ཆེན་གྱི་དཔལ་ཡོན་ལས་ཁུངས་”དང་། “ཞིང་ཆེན་ཡོངས་ཀྱི་སྔོན་ཐོན་སྡེ་ཁག་”སོགས་ཀྱི་གཟི་བརྗིད་མཚན་སྙན་སྤྲད་པ་རེད། མགོ་ལོག་ཁུལ་བོད་སྨན་ཁང་གིས“ཕྱིར་བསྐྱོད་པ་དང་ནང་དུ་གདན་དྲངས་པའི”འདུ་ཤེས་ལ་གཞིགས་ནས་གྲོང་གསེབ་སྨན་པར་རིག་པའི་གཞུང་ལུགས་དང་ལག་ལེན་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་ཐེངས་མང་སྤེལ་ནས་གཞི་རིམ་གྱི་བོད་ལུགས་གསོ་རིག་གི་སྨན་བཅོས་ཞབས་ཞུའི་ཆུ་ཚད་ཇེ་བརྟན་དང་ཇེ་ལེགས་སུ་གཏོང་རྒྱུར་བྱས་བྱས་རྗེས་མི་དམན་པ་བཞག་ཡོད།